Research Team


Dr. Pascale Hugon

Pascale, the PI of the TibSchol project, is group leader of the Tibetan Studies working group at the IKGA. Her research chiefly addresses historical and philosophical aspects of the scholarly traditions of Tibetan Buddhism. Within the TibSchol project, her thematic research centers on the development of scholastic tools and methods in early scholastic works, with a focus on epistemological treatises.

འབུམ་རམས་པ་ཕ་སེ་ཀ་ལེ་ཧུ་གོན (Dr. Pascale Hugon) ནི་TibSchol འམ་བོད་ནང་བའི་མཚན་ཉིད་རིག་པའི་ལུགས་ཀྱི་སྐྱ་རེངས་དང་པོའི་ལས་གཞིའི་དབུ་ཁྲིད་ཡིན་པ་དང་། སྤྱིར་ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་དང་མཚན་ཉིད་རིག་པའི་སྐོར་ཡིན།  ལས་གཞི་འདིའི་ནང་།ཁོང་གིས་སྔོན་གྱི་མཁས་པ་དག་གི་ཚད་མ་རིག་པའི་བསྟན་བཅོས་རྣམས་སུ་མཚན་ཉིད་རིག་པའི་རྩལ་དང་བྱེད་ཐབས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ཡིན། 

Pascale's staff profile


Dr. Lobsang Yongdan

Lobsang is examining hermeneutic techniques in early scholastic commentaries. In particular, he is exploring literature on the Perfection of Wisdom, notably early Tibetan commentaries on the Ornament of Realization. He is collecting materials for thematic analyses, as well as data relevant to the reconstruction of scholastic networks.

འབུམ་རམས་པ་བློ་བཟང་ཡོན་ཏན་གྱིས་སྔོན་གྱི་བསྟན་བཅོས་རྩོམ་ཚུལ་དང་འགྲེལ་ཚུལ་གྱི་སྐོར་དང་། སྔོན་གྱི་བོད་འགྲེལ་དག་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། དེ་ཡང་གཙོ་བོ་མངོན་རྟོགས་རྒྱན་གྱི་བོད་འགྲེལ་སྐོར་གྱི་ཡིག་ཆ་བསྡུ་ལེན་དང་། ཞིབ་འཇུག། མཁས་པའི་འབྲེལ་བ་བཅས་དང་། དེ་དག་གི་བསྟན་བཅོས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།

Lobsang's staff profile


Dr. Jonathan Samuels

Jonathan is studying the modes of argumentation at play in scholastic works, and contrasting the features of scholastic literature with alternative systems attested in the literature of the same period. In addition to undertaking thematic studies based on selected texts, he is collecting data from works of the Middle Way school. 

དགེ་བཤེས་ཤེས་རབ་རྒྱ་མཚོ་འབུམ་རམས་པ་ཇོ་ན་ཐན་ས་མུལ་སེ་ (Dr. Jonathan Samuels) ཡིས་སྔོན་གྱི་བོད་ཀྱི་མཚན་ཉིད་རིག་པའི་བསྟན་བཅོས་ཀྱི་ནང་དུ་བརྒལ་བརྟག་བྱེད་ཚུལ་གྱི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་མ་ཟད། མཐར་ཐུག་གི་ལམ་སྒྲུབ་པ་ལ་མཚན་ཉིད་རིགས་པ་དགོས་མི་དགོས་ཀྱི་བཞེད་པའི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། ཁྱད་པར་ཏུ་དབུ་མའི་བསྟན་བཅོས་རྣམས་སུ་མཚན་ཉིད་གྱི་དོན་གནད་ཀྱི་སྐོར་འགའ་ཤས་ཡོད་དེའི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། 

Jonathan's staff profile


Dr. Zhouyang Ma

Zhouyang is exploring early personal and intellectual networks within Tibetan scholasticism, including their extension tied to the spread of Buddhism in the Tangut Empire. He is also using intertextual references to reconstruct the intellectual profiles of key early Tibetan scholars.

འབུམ་རམས་པ་ཀྲོའུ་དབྱང་གིས་སྔ་མོའི་བོད་ཀྱི་མཚན་ཉིད་རིག་པའི་མཁས་པ་དང་གཞུང་ལུགས་ཀྱི་འབྲེལ་ལམ་གཉིས་དང་། ཁྱད་པར་དུ་གནའ་བོའི་མི་ཉག་རྒྱལ་ཁམས་སུ་ནང་པའི་ཆོས་དར་ནས་དེར་ཡང་མཚན་ཉིད་རིག་པའི་གཞུང་ལུགས་དེ་ཁྱབ་གདལ་དུ་ཇི་ལྟར་སོང་བ་ལ་སྔོག་བཤེར་བྱེད་རྒྱུ་ཡིན་པ་མ་ཟད། སྔ་མོའི་བོད་ཀྱི་བསྟན་བཅོས་ཁག་ལ་ཞིབ་འཇུག་བྱེད་པའི་ཐོག་དེ་སྐབས་ཀྱི་མཁས་པ་གལ་ཆེ་བ་ཁག་གི་བྱས་རྗེས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན། 

Zhouyang's staff profile


Tsering Drongshar, BA, bKa’ bcu pa, Rigs gnas rabs ’byams pa

Tsering is contributing to the exploration of the scholastic landscape by charting the corpus and surveying early works of various textual traditions. He is gathering bibliographical information on early scholastics and reviewing, in particular, secondary literature in modern Tibetan.

བཀའ་བཅུ་པ་དང་རིག་གནས་རབ་འབྱམས་པ་ཚེ་རིང་གྲོང་ཤར་གྱིས་བོད་ཀྱི་མཚན་ཉིད་རིག་པའི་བསྟན་བཅོས་དང་རྩོམ་མཁན་གྱི་སྐོར་ལ་འཚོལ་བསྡུ་དང་འབྲེལ། དེ་དག་གི་སྐོར་ལ་དེང་དུས་ཀྱི་བོད་ཡིག་གི་ཞིབ་འཇུག་གི་ཆེད་རྩོམ་དག་གི་ཐོ་འགོད་རྒྱུ་དེ་ཡིན།  

Tsering's staff profile


Dr. Rachael Griffiths

Rachael was in charge of the digital humanities aspects of the project from August 2021 to October 2023. She successfully trained a Handwritten Text Recognition (HTR) model using the platform Transkribus, and contributed to data modelling of the prosopographical database and to setting up the TEI/XML editing environment for text excerpts. Since October 2022, she has additionally been investigating the scope of the early scholastic corpus beyond the published and extant works and the diffusion of Tibetan scholastic treatises within scholastic networks.

འབུམ་རམས་པ་རི་ཅལ་(Dr. Rachael Griffiths)གྱིས་༢༠༢༡ ལོའི་ཕྱི་ཟླ་བརྒྱད་པ་ནས་བཟུང་། ༢༠༢༣ ལོའི་ཕྱི་ཟླ་བཅུ་བའི་བར་ཏུ། མིའི་རིགས་ཨང་གྲངས་རྗེས་འབྲེལ་གྱི་ལས་འཆར་སྣ་ཚོགས་ཀྱི་ཐད་ལ་ལས་ཀ་བྱས་ཡོད། གཙོ་བོ་ནི་ཡིག་ཐོག་ཏུ་འགོད་པའི་མ་ལག Transkribus ཕྲེང་བཤེར་ཐོག་ནས་དབུ་མེད་ལག་བྲིས་འཆར་ཚུལ་གྱི་སྐོར་ལ་སློབ་སྟོན་དང་།  གྲངས་མཛོད་ལོ་རྒྱུས་མཐུན་ཕྱོགས་ཀྱི་དྲ་མཛོད་ཀྱི་སྐོར་ལ་རོགས་རམ་བྱས་ཡོད། ༢༠༢༢ ལོའི་ཕྱི་ཟླ་བཅུ་གཅིག་པ་ནས་བཟུང་། ཁོང་གིས་ད་དུང་མ་རྙེད་པའི་མཚན་ཉིད་རིག་པའི་བསྟན་བཅོས་དག་གི་མིང་འཚོལ་བསྡུ་དང་། མཁས་པ་གང་གིས་མཚན་ཉིད་རིག་པའི་བསྟན་བཅོས་གང་ཞིག་སྦྱངས་པ་སོགས་ཀྱི་སྐོར་ལའང་ཞིབ་འཇུག་བྱེད་ཀྱིན་བྱས་ཡོད། 

Rachael's staff profile


Dr. Serena Biondo

Serena was active in the project from August 2021 to October 2022. She carried out research on the scholastic landscape with a focus on the reconstruction of scholastic networks. In order to map the authors of scholastic works in the corpus being investigated, she explored historical sources and secondary literature, and engaged in a systematic investigation of the colophons of early scholastic works.

འབུམ་རམས་པ་སེ་རེ་ན་བོ་ཡོན་དོ་ (Dr. Serena Biondo) ཡིས་༢༠༢༡ ལོའི་ཕྱི་ཟླ་བརྒྱད་པ་ནས་༢༠༢༢ ལོའི་ཟླ་བ་བཅུ་བའི་བར་ལས་གཞི་འདིའི་ནང་བོད་ཀྱི་མཁས་པའི་འབྲེལ་ལམ་སྐོར་ལ་ལས་ཀ་བྱས་ཡོད། དེའི་སྐབས་སུ་ཁོང་གིས་ལོ་རྒྱུས་ཀྱི་དཔེ་ཆ་སྣ་ཚོགས་བསྡུ་སྒྲིག་དང་། ཁྱད་པར་ཏུ་བསྟན་བཅོས་ཁག་གི་མཚན་བྱང་ལ་ཞིབ་འཇུག་བྱས་ཡོད། 

Serena's staff profile


Technical Expertise


Saranya Balasubramanian, MSc

Saranya is TibSchol’s web developer of the APIS (Austrian Prosopographical Information System) platform, a humanities orientated entity database created at the Austrian Centre for Digital Humanities and Cultural Heritage (ACDH-CH). She is responsible for extending the APIS data model for TibSchol, and importing data on works and authors from Excel workbooks into the database. She will also be adding features to the APIS web interface for curating and visualizing the TibSchol data. 

ས་རན་ཡ་བ་ལ་སུ་བྲ་མ་ནི་ཨན་(Saranya Balasubramanian, MSC) ནི་དྲ་རྒྱ་བཟོ་མཁན་དེ་ཡིན་པ་དང་། ཁོང་གིས་བོད་ཀྱི་མཚན་ཉིད་ཀྱི་འབྲེལ་ལམ་གྱི་དྲ་རྒྱ་གསར་གཏོད་དང་། APIS (ཨ་ཝ་སྟྲི་ཡ་ལོ་རྒྱུས་མཐུན་ཕྱོགས་ཀྱི་ལམ་ལུགས) (Austrian Prosopographical Information System) གྲངས་མཛོད་ནང་དུ་བོད་ཀྱི་མཚན་ཉིད་རིག་པའི་སྐྱ་རེངས་དང་པོའི་ལས་གཞིའི་རྩོམ་པ་པོ་དག་གི་གནས་ཚུལ་བསྡུ་སྒྲིག་དང། བཀོལ་སྤྱོད་སྣ་ཚོགས་སྐོར་ལ་ཕར་གནོན་བྱེད་བཞིན་པ་བཅས་སོ། 

Saranya's staff profile


Stefan Resch, BA

Stefan joined the TibSchol team from June 2022 to December 2022 as a developer of the APIS platform. Stefan's main task was to increase the flexibility of the APIS platform in regard to the underlying data model and adapt it more closely towards the arising needs within the TibSchol project.

སེ་ཀྲེ་ཕན་རེ་ཤ་(Stefan Resch, BA) ནི་དངོས་གཞིའི་སློབ་མཐར་ཕྱིན་པ་ཞིག་ཡིན། ཁོང་༢༠༢༢ ལོའི་ཟླ་དྲུག་པ་དང་ ༢༠༢༢ ལོའི་ཟླ་བ་བཅུ་གཉིས་བར། TibSchol ཡི་APIS མ་ལག་གི་གསར་བཟོའི་སྐོར་ལ་ལས་ཀ་བྱས་ཡོད། ཁོང་གི་ལས་ཀ་གཙོ་བོ་ནི། APIS མ་ལག་སྟབས་བདེ་བཀོལ་སྤྱོད་དང་། དེ་བོད་ཀྱི་མཚན་ཉིད་རིག་པའི་སྐྱ་རེངས་དང་པོའི་ལས་གཞི་དང་མཐུན་པར་བེད་སྤྱོད་གཏོང་ཐུབ་པ་བྱས་ཡོད།

Stefan's staff profile


Organizational Support


Mag. Hermine Huber, MA MAS

Hermine is the project manager of the TibSchol project. She takes care of all administrative tasks linked with the project and assists in the organization of scholarly events.

ཧར་མི་ནི་ཧུ་བ་རི་ (Mag. Hermine Huber, MA MAS) ནི་ཞིབ་འཇུག་སློབ་མཐར་ཕྱིན་པ་ཞིག་ཡིན། ཁོང་ནི་བོད་ཀྱི་ནང་བའི་མཚན་ཉིད་རིག་པའི་ལུགས་ཀྱི་སྐྱ་རེངས་དང་པོ་ལས་གཞིའི་ལས་གཉེར་པ་དང་། འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་ལས་དོན་དང་། ཞིབ་འཇུག་གི་ལས་ཀ་དག་ལ་རམ་འདེགས་བྱེད་བཞིན་པ་བཅས་སོ། 

Hermine's staff profile